作曲 : 民间
编曲 : 泽旺拉姆
ཕ་ཡུལ་བྲག་འགོ།
故乡炉霍
གཞས་ཚིག དགེ་བཤེས་ཚེ་རིང་ནོར་བུ།
作词: 格西·泽让诺吾
གཞས་གདངས། དམངས་ཁྲོད།
作曲: 民间
གཞས་མ། ཚེ་དབང་ལྷ་མོ།
演唱: 泽旺拉姆
ས་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས།།
好地方一好地方二
ས་སྐྱིད་པོ་བླ་མའི་གདན་ས་རེད།།
好地方就是上师寺
ངའི་ཕ་ཡུལ་གངས་ལྗོངས་ལུང་པ་རེད།།
是那故乡小山谷
གངས་དཀར་པོ་སེང་གེ་གནས་ས་རེད།།
洁白山上住雪狮
སེང་དཀར་ལོ་གཡུ་རལ་རྒྱས་ས་རེད།།
雪狮鬃毛抖擞地
འཁོར་སེམས་ཅན་བྱམས་ཀྱིས་སྐྱོང་ས་རེད།།
善良人们幸福地
ངའི་ཕ་ཡུལ་གངས་ལྗོངས་ལགས།
美丽故乡雪域啊
ངའི་སེམས་ལ་ནམ་ཡང་ཁྱེད་རང་ཡོད།།
你永远刻在我心里
ས་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས།།
好地方一好地方二
ས་སྐྱིད་པོ་རང་ཡུལ་ས་ཆ་རེད།།
好地方就是我家乡
ངའི་ཕ་ཡུལ་བྲག་འགོ་ལུང་པ་རེད།།
家乡是那炉霍沟
བྲག་ཐང་དཀར་རྒོད་པོ་གནས་ས་རེད།།
山崖雄鹰成长地
རྒོད་ཐང་དཀར་གཤོག་རྩལ་རྒྱས་ས་རེད།།
雄鹰展翅飞翔地
སྡེ་ཚོ་བ་དཔལ་ལ་རོལ་ས་རེད།།
村社和谐安居地
ངའི་ཕ་ཡུལ་བྲག་འགོ་ལགས།
美丽故乡炉霍啊
ངའི་སེམས་ལ་ནམ་ཡང་ཁྱེད་རང་ཡོད།།
你永远刻在我心里
ས་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས།།
好地方一好地方二
ས་སྐྱིད་པོ་རང་ཡུལ་ས་ཆ་རེད།།
好地方就是我家乡
ངའི་ཕ་ཡུལ་བྲག་འགོ་ལུང་པ་རེད།།
家乡是那炉霍沟
བྲག་ཐང་དཀར་རྒོད་པོ་གནས་ས་རེད།།
山崖雄鹰成长地
རྒོད་ཐང་དཀར་གཤོག་རྩལ་རྒྱས་ས་རེད།།
雄鹰展翅飞翔地
སྡེ་ཚོ་བ་དཔལ་ལ་རོལ་ས་རེད།།
村社和谐安居地
ངའི་ཕ་ཡུལ་བྲག་འགོ་ལགས།
美丽故乡炉霍啊
ངའི་སེམས་ལ་ནམ་ཡང་ཁྱེད་རང་ཡོད།།
你永远刻在我心里