青海湖
  歌手:三智才让
  所属专辑:青海湖
  发行时间:2022.06.21
  发行公司:
作词 : 阿凯桑
作曲 : 三智才让
编曲 : 三智才让
ཁ་ན་གསེར་བྱ་ངང་བའི་འཕུར་ལྡིང་ཡོད།།
གཏིང་ན་གསེར་མིག་ཉ་མོའི་འཁྱུག་འགྲོས་ཡོད།།
དབུས་ན་མ་ཧ་དེ་ཝའི་ཕྲ་རྒྱན་ཡོད།།
གསེར་ཆེན་རི་ལ་མཆོད་པ་བཤམས་འདྲ་ཡོད།།
འོ། མཚོ་མོ་དྭངས་ན་ངང་བ་གསེར་བྱ་ཡིན།།
མཚོ་མོ་དྭངས་ན་ཉ་མོ་གསེར་ཉ་ཡིན།།
འོ། ཁྲི་ཤོར་རྒྱལ་མོའི་ཁ་ཞེང་ཇེ་ཆེ་རེད།།
རུ་སྡེ་ཕྲ་མོའི་འཚོ་བ་ཇེ་སྐྱིད་རེད།།
འོ་་་་་་ང་ཡི་ཁྲི་ཤོར་རྒྱལ་མོ།།
ཇི་འདྲའི་བསོད་ནམས་རང་འགྲུབ།།
སྟོད་ཀྱི་གངས་ཆུ་འབབ་པའི་ཉིང་ཁུ་ཡིན།།
སྨད་ཀྱི་ཆུ་མིག་འཕྱུར་བའི་ཟེགས་མ་ཡིན།།
བར་ན་འཁྱིལ་བའི་མཚོ་ཆེན་ཁྲི་ཤོར་མ།།
ནམ་མཁའ་ས་ལ་ལྷུང་བའི་ཉམས་སྣང་ཡོད།།
འོ། མཚོ་མོ་དྭངས་ན་དངུལ་གྱི་རླབས་ཕྲེང་ཡོད།།
མཚོ་མོ་དྭངས་ན་གཡུ་ཡི་མེ་ཏོག་བཞད།།
འོ། ཁྲི་ཤོར་རྒྱལ་མོའི་ཁ་ཞེང་ཇེ་ཆེ་རེད།།
རུ་སྡེ་ཕྲ་མོའི་འཚོ་བ་ཇེ་སྐྱིད་རེད།།
འོ་་་་་་ང་ཡི་ཁྲི་ཤོར་རྒྱལ་མོ།།
ཇི་འདྲའི་བསོད་ནམས་རང་འགྲུབ།།
འོ་་་་་་ང་ཡི་ཁྲི་ཤོར་རྒྱལ་མོ།།
ཇི་འདྲའི་བསོད་ནམས་རང་འགྲུབ།།
ཇི་འདྲའི་བསོད་ནམས་རང་འགྲུབ།།
    最新发布歌手专辑歌曲

未经本站许可严禁转载本站内容 流行歌曲歌词免费下载
Copyright©2006-2023 本站所有资讯均来自网上