作词 : 格顿伦珠
作曲 : 岗坚巴·卓玛加
ཡེ་་་་ཕ་ཡུལ་སྐྱིད་པའི་ལུང་པ།།
མེ་ཏོག་ནང་གི་མེ་ཏོག།
ཆུ་སྐྱེས་པདྨ་འདྲ་བ།།
པདྨ་དྲི་བསུང་རང་བྱོན།།
པདྨ་འཛིན་པའི་ཞིང་རེད།།
པདྨ་འཛིན་པའི་ཞིང་རེད།།
ཡེ་་་་ཕ་ཡུལ་སྐྱིད་པའི་ལུང་པ།།
སྙན་པའི་ནང་གི་སྙན་པ།།
དགོན་པའི་གཡེལ་དྲིལ་འདྲ་བ།།
གཡེལ་དྲིལ་སྙན་པ་རང་བྱོན།།
རས་པ་ཕེབས་པའི་གནས་རེད།།
རས་པ་ཕེབས་པའི་གནས་རེད།།
ཡེ་་་་ཕ་ཡུལ་སྐྱིད་པའི་ལུང་པ།།
སྨུག་པའི་ནང་གི་བུ་མོ།།
ཁ་འབྲས་བྱུ་རུ་འདྲ་བ།།
བུ་མོ་བསོད་ནམས་རང་བྱོན།།
བྱང་ཆུབ་སེམས་དཔའི་ཡུམ་རེད།།
བྱང་ཆུབ་སེམས་དཔའི་ཡུམ་རེད།།
བྱང་ཆུབ་སེམས་དཔའི་ཡུམ་རེད།།